དུས་ཀྱི་བརྗོད་དབྱངས།
དུས་བཟང་གསེར་གྱི་གླིང་བུ་སྔ་རབས་ཀྱིས་ཁྱེར་སོང་། །
གླིང་བུས་གསུངས་དབྱངས་དུས་ངན་འཕོ་འགྱུར་གྱིས་གྲིབ་སོང་། །
གསེར་གྱི་གླིང་བུ་ལོག་པའི་ཐབས་ཤེས་ཞིག་མེད་ན།
།
ང་ལ་གསུངས་དབྱངས་ཉན་པའི་དུས་སྐལ་དང་བྲལ་རྒྱུ།
།
སྔོན་དུས་ཤེས་ཚད་མེད་ཀྱང་དྲག་ཤོས་ཀྱི་གོ་གནས། །
ད་རིས་མཐོ་རིམ་རྫོགས་ཀྱང་གཡོག་མེད་ཀྱི་དཀའ་ངལ།
།
སྐད་ཅིག་དུས་ལ་འཕོ་འགྱུར་དེ་བཞིན་དུ་འབྱུང་ན།
།
བུ་ང་མཐོ་རིམ་འཁྱོལ་ཀྱང་དཔའ་རྔམ་ཞིག་མི་གདའ།
།
སྔོན་དུས་ས་སྟོང་བརྒྱ་ལ་འཛུལ་ཞུགས་པ་ལྔ་དང་། །
ད་རིས་ས་སྟོང་ལྔ་ལ་དོ་འགྲན་པ་བརྒྱ་ལྷག
།
ཉམས་ཆུང་བསོད་ནམས་དམན་པའི་ཤིང་རོང་གི་བུ་ང་།
།
དྲག་བཟང་ཕ་མའི་བུ་ལ་འགྲན་ཟླ་ཞིག་འབྱུང་ངམ།
།
སྔོན་དུས་ཕ་སྤྲང་རྒྱུད་ལས་གཞུང་སྐྱོང་གི་བུ་འཁྲུངས། །
ད་རིས་ཕ་བཟང་རྒྱུད་ལས་རང་སྐྱོང་ཐུབ་བུ་དཀོན།
།
རྒྱལ་ཁབ་གོང་འཕེལ་འགྲོ་ཡང་བསམ་སྤྱོད་ཞིག་ཆུང་བས།
།
ཕྱིས་སུ་རྒྱལ་ཁབ་བསྟན་སྲིད་བཟུང་མ་བཟུང་མིན་འདུག
།
སྔོན་དུས་བསོད་ནམས་བསགས་པའི་རྒྱུ་འབྲས་ཀྱིས་མ་བཅིངས། །
ད་རིས་སྨོན་ལམ་བཏབ་པའི་རེ་སྨོན་གྱིས་མ་བསྐྲུན།
།
འཛམ་གླིང་ས་ཆེན་འདི་ནང་མཐའ་ཁོབས་ཏུ་སྐྱེས་ནས།
།
རྒྱལ་ས་ཐིམ་ཕུག་སླེབས་དུས་དཀའ་སྡུག་ཞིག་སྲིད་སོང་།
།
No comments:
Post a Comment